Message from HO

༄༅།    །མཚུངས་མེད་སེ་ལ་ཀུ་ཡེ་བོད་ཁྱིམ་དབུ་ལས་རྣམ་པ་དང་སློབ་མ་རྣམས་ཀྱི་དྲུང་དུ།

ཆེད་ཞུ།  ཕྱི་ལོ་ ༢༠༢༢ ཕྱི་ཟླ་  ༨ ཚེས་ ༩ འཁོད་གནས་ནང་གསལ་ལྟར། ཕྱི་ལོ་ ༢༠༢༢༡ ༌༌༌༌  ༢༠༢༢ ལོའི་འཛིན་ཪིམ་བཅིུསདང་བཅུ་པའི་རྒྱ་ར་རྒྱལ་ཡོངས་ཡིག་ཚད་ཆེན་མོའི་གྲུབ་འབྲས་ཇི་སོན་གྱི་གྲུབ་འབྲས་རེའུ་མིག་འབྱོར་གནང་བྱུང་ལགས་ན། སེ་ལ་ཀུ་ཡེ་བོད་ཁྱིམ་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་ཡིག་ཚད་གྲུབ་འབྲས་སློབ་ཕྲུག་མི་རེ་ངོ་རེའམ་སྤྱི་ཡོངས་ཀྱི་གྲུབ་འབྲས་ཕྱོགས་གང་དུ་བལྟས་ཀྱང་། གྲུབ་འབྲས་ཁག་མིག་དཔེ་འོས་པ་བྱུང་འདུག་ན་བོད་ཁྱིམ་དབུས་སྤྱི་སྒེར་ནས་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་རྒྱུ་དང་། གྲུབ་འབྲས་འདི་ལྟ་བུ་ནི་གཙོ་ཆེ་དགེ་ལས་དང་སློབ་ཕྲུག་རྣམས་ནས་ནུས་པ་མཉམ་སྤུངས་ཀྱིས་ངལ་བ་ཁྱད་དུ་བསད་པའི་གྲུབ་འབྲས་ཡིན་པ་ངོས་འཛིན་ཐོག སླད་མ་འོངས་ལ་ཡང་ཡར་རྒྱས་ལ་མཐའ་མེད་སྟབས་ཁྱེད་རྣམ་པའི་ལྷག་བསམ་དང་སེམས་ཤུགས་ལ་གཡོ་བ་མེད་པ་སོང་ལོ་རེ་བཞིན་སྔར་ལྷག་གི་གྲུབ་འབྲས་སོན་པའི་རེ་བ་དང་ཡིད་ཆེས་མཆི། ལྷག་དོན་སློབ་ཕྲུག་མི་ཉུང་བ་ཞིག་ལ་སྲིད་སྐྱོང་གི་གཟེངས་བསྟོད་བྱ་དགའ་ཐོབ་པའི་རེ་འདུན་དང་སྨོན་ལམ་ཡོད།  བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་དྲུང་ཆེའི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༨ ཚེས་ ༩ ལ།

Choeying Dhondup (Mr.)
General Secretary (Administration)
TCV Head Office,
Dharamshala, Distt. Kangra
H.P. – 176216

Leave a Comment

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.