ཉིན་བཞིའི་མཛད་རིམ།

    ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་མཆོག་སེ་ལ་ཀུའི་བོད་ཁྱིམ་དུ་ཕེབས་སྐབས་ཉིན་བཞིའི་མཛད་རིམ་གཤམ་གསལ།།

ཨང།

ཟླ་ཚེས།

མཛད་རིམ།

༨།༢༧

  • རེས་གཟའ་སྤེན་པའི་ཕྱི་དྲོ་ཕྱག་ཚོད་ ༥།༣༠ སློབ་གྲྭར་ཕེབས་འབྱོར་གནང་རྒྱུ།

༨།༢༩

  •  སྔ་དྲོ་ཕྱག་ཚོད་ ༧:༢༥ སྔ་དྲོའི་འདུ་འཛོམས་སྐབས་དགེ་བཤེས་ལགས་ལ་ཕེབས་བསུའི་འཚམས་འདྲི་མཇལ་དར་འབུལ་རྒྱུ།

  •  སྔ་དྲོ་ཕྱག་ཚོད་ ༨:༠༠ པ་ནས་ ༨:༥༥ པའི་བར་སློབ་གྲྭ་འདི་གའི་ལྟ་གྲུབ་སློབ་དཔོན་དགེ་བཤེས་ལྷ་རམས་པ་བསྟན་འཛིན་ཐེག་མཆོག་ལགས་དང་སཱི་ཤེས་ཡོན་རྒྱུས་སྟོན་པ་དགེ་ཆེ་ཕྱག་རོགས་རྒན་སྐལ་ལྡན་ལགས། ཨིན་དགེ་ཚེ་རིང་བུ་འཁྲིད་ལགས་དང་བཅས་དགེ་ཆེ་ཡིག་ཚང་དུ་ལྷན་འཛོམས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་ཉམས་མྱོང་དང་དགོངས་ཚུལ་སྤེལ་རེས་གནང་རྒྱུ།

  •  སྔ་དྲོ་ཕྱག་ཚོད་ ༩ པ་ནས་ ༡༠ པའི་བར་སློབ་སྤྱི་མཆོག་དང་དགེ་ཆེ་བཅས་ལྷན་འཛོམས་ཀྱིས་མཛད་རིམ་གོ་བསྡུར་གནང་རྒྱུ།

  •  སྔ་དྲོ་ཕྱག་ཚོད་ ༡༠:༢༠ ནས་ ༡༡:༥༠ བར་འཛིན་གྲྭ་ ༡༢ སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

  •  ཉིན་རྒྱབ་ཕྱག་ཚོད་ ༢:༣༠ ནས་ ༤: ༠༠ པའི་བར་རྒན་ལགས་རྣམ་པ་དང་ལྷན་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་ ཉམས་མྱོང་དང་དགོངས་ཚུལ་སྤེལ་རེས་གནང་རྒྱུ།

 ༣

༨།༣༠

  •  སྔ་དྲོ་ཕྱག་ཚོད་ ༡༠:༢༠ ནས་ ༡༡:༥༠ བར་འཛིན་གྲྭ་ ༡༡ སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

  •  ཉིན་གུང་ ༡༢:༠༠ ནས་ ༡༢:༤༥ བར་འཛིན་གྲྭ་ ༦ པའི་སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

༨།༣༡

  •  སྔ་དྲོ་ཕྱག་ཚོད་༡༠:༢༠ ནས་༡༡:༥༠བར་འཛིན་གྲྭ་ ༡༠ པའི་སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

  • ཉིན་གུང་ ༡༢:༠༠ ནས་ ༡༢:༤༥ བར་འཛིན་གྲྭ་ ༧ པའི་སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

༩།༡

  •  སྔ་དྲོ་ཕྱག་ཚོད་ ༡༠:༢༠ ནས་ ༡༡:༥༠བར་འཛིན་གྲྭ་ ༩ པའི་སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

  •  ཉིན་གུང་ ༡༢:༠༠ ནས་ ༡༢:༤༥ བར་འཛིན་གྲྭ་ ༨ པའི་སློབ་མ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལམ་སྟོན་དང་དྲི་བ་དྲིས་ལན།

  •  ཉིན་གུང་ཕྱག་ཚོད་ ༡:༠༠ ནས་ ༡:༣༠ བར་སློབ་སྤྱི་མཆོག་དང་དགེ་ཆེ་མཆོག་ལྷན་འཛོམས་ཐོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་མཆོག་ནས་ཉིན་བཞིའི་མཛད་རིམ་སྤེལ་སྐབས་རང་གི་མྱོང་ཚོར་གསུངས་ཏེ་མཛད་རིམ་མཇུག་བསྡོམས་གནང་རྒྱུ།

དགེ་ཆེའི་ཡིག་ཚང་ནས་

Leave a Comment

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.